鬧著玩兒

紮西東週, 索南龍舟

ཨ་མའི་བུ་ལ་རྟགས་ཞིག་རྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།
ཨ་ཕ་ལགས་ཀྱིས་ཕྲིང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་ཐལ།
ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།
ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་གཟི་སོང་གདའ་ར།
ཨ་ཅེ་ལྷ་མོས་འཁོར་བ་སྤང་ནས་ཁ་པར་མཉམ་དུ་གྲོས་ཐལ།
ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར་༢༠༠རེད་ཟེར།
རྩེད་མོ་ཡིན་ཡ།
བསང་ངན་སྤྱད་ནས་མ་ཎི་སྦྲང་པ་ལས།།
བསམ་བཟང་སྤྱད་ནས་གླུ་ཆུང་ལེན་པ་དགའ།།
ཆོས་ཀྱི་སྙིང་བོ་བྱངས་ཆུབ་སེམས་པ་རེད།།
སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།།
ད་དུ་རུག་གྱིས་ལྟོས་ཤོག་ཨ་་་
ཁྱོད་ཀྱི་སྐེ་ལ་བཏག་པའི་ལྕགས་ཐག་གི་གསེར་མདོག་ཟི་སོང་གདའ།
ཨ་ཙི་་་རླངས་འཁོར་རྫིག་པོ་ལ་ལྟས་ན་རྒྱུ་ཡོད་ས་གདའ་ཧོ།
རྒྱུ་ཡོད་ན་ཨ་ཁུའི་ཚ་བོ།
རྒྱུ་མེད་ན་ཨ་ཁུའི་གཡོག་པོ།
རྒྱུ་ཡོད་ན་བུ་མོ་སྤུན་གཉིས།
རྒྱུ་མེད་ན་བུ་མོ་དཔོན་གཡོག།
རྒྱུ་ཡོད་ན་རྒྱུ་ཡི་གཡོག་པོ།
རྒྱུ་མེད་ན་མི་ཡི་གཡོག་པོ།
ཁ་མཁས་ན་དཔོན།
ལག་མཁས་ན་གཡོག།
ཁ་མཁས་ན་ཁེ།
ལག་མཁས་ན་སྡུག་རེད།
ཆང་འཐུང་ན་གཟི་དགོས།
དུག་ཟོས་ན་ཤི་དགོས་
དེ་ནས་་དུག་ཟོ། དུག་འཐུང་།
ཨ་རག་འཐུང་ཚར་དུས་་ད་གཟི།
་ཚོར་གདམ་ཚར་དུས་་ད་རྒྱོབ།
གྲི་ཤབ་ཚར་དུས་་་ད་ཚུགས།
མི་གསད་ཚར་དུས་་ད་གྲོས།
ཁྱོད་ལ་གཟུགས་དང་སྐྱེ་ལོ་ཡོད་ན།
བཤད་ཚད་ཐམས་ཅད་གདན་པ་རེད།
ཁྱོད་ལ་རྒྱུ་དང་རྒྱབ་ཤོག་ཡོད་ན།
གོར་གནས་དགོས་ལེ་དཔེ་རེད།
ཁྱོད་ལ་ངོ་ཕོད་ཡོད་ན།
བོད་ཀྱི་གླུ་བ་ཁྱོད་རེད།
ལྕགས་དང་རྡོ་རིགས་མགོ་ལ་བཏགས་ན།
སྲུལ་རྒྱུན་བཟང་པོ་དེ་ཡིས་འཛིན།
ཞབས་ཞུ་ལས་ཀ་སུས་རྙེད་ན།
རིག་གནས་ཡོན་ཏན་དེ་ལ་གདའ།
ཚོ་བ། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
རྣམ་ཤེས་། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
ཚེ་སྲོག་། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
རྨི་ལམ་།
རེ་བ།
རྩེ་དུང་།
སང་ཉིན
ཁ་སང་།
དུས་རབས།
ཡོད་ཚད། མེད་ཚད། བསམ་ཚད། དྲན་ཚད།བཤད་ཚད། བཟླས་ཚད། གོ་ཚད། རིག་ཚད། ཟོས་ཚད། འཐུང་ཚད།
་་་་་་་རྩེད་མོ་ཡིན་ཡ་་་་་་
མངོལ་ཡོད་ན་བརྩེ་དུང་།
མངོལ་མེད་ན་རྩེད་མོ།
མངོལ་ཡོད་ན་འཚོ་བ།
མངོལ་མེད་ན་འཚོ་གནས།མངོལ་ཡོད་ན་བརྩེ་དུང་།
མངོལ་མེད་ན་རྩེད་མོ།
མངོལ་ཡོད་ན་འཚོ་བ།
མངོལ་མེད་ན་འཚོ་གནས།
ཨ་མའི་བུ་ལ་རྟགས་ཞིག་རྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།
ཨ་ཕ་ལགས་ཀྱིས་ཕྲིང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་ཐལ།
ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།
ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་གཟི་སོང་གདའ་ར།
ཨ་ཅེ་ལྷ་མོས་འཁོར་བ་སྤང་ནས་ཁ་པར་མཉམ་དུ་གྲོས་ཐལ།
ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར་༢༠༠རེད་ཟེར།
རྩེད་མོ་ཡིན་ཡ།
ཆེ་ལ་ལ་་་་

Trivia about the song 鬧著玩兒 by Anu

Who composed the song “鬧著玩兒” by Anu?
The song “鬧著玩兒” by Anu was composed by 紮西東週, 索南龍舟.

Most popular songs of Anu

Other artists of Asiatic music